ཁྲོ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་དཀའ་ངལ་ཅན་གྱི་ཏང་ཡོན་སོགས་ལ་འཚམས་འདྲི་གནང་།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༦
   ལོ་གསར་དུས་ཆེན་སླེབས་ལ་ཉེ་སྐབས། འཚོ་བའི་ཐད་ལ་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། གྲོང་ཚོའི་ལས་བྱེད་པ་རྒན་གྲས་ལ་ཐུགས་ཁུར་དང་རོགས་སྐྱོར་བྱ་ཆེད། ཁྲོ་ཆུ་རྫོང་ཨུ་ཡིས་རྫོང་གིས་དོ་དམ་བྱེད་པའི་ཏང་དངུལ་ལས་སྒོར་ཁྲི་6.44བཏང་སྟེ་མི་རེར་སྒོར་400ཡི་ཚད་གཞི་ལྟར་རྫོང་ཡོངས་ཀྱི་དཀལ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་གནང་།།