ཟུ་ཁུར་པུར་གུ་ཡི་བུ་མོའི་ཆུ་རྐྱལ་བྱེད་བཞིན་པའི་པར་རིས་ལ་མི་ཁྲི་བརྒྱའི་མོས་རྡེབ་ཐོབ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༥

དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》སྟེང་ཚེས་25ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། Facebookཡི་གསར་གཏོད་པ་དང་CEOམར་ཁེ་ཟུ་ཁུར་པུར་གུ་(Mark Zuckerberg)ཡིས་རང་གི་བུ་མོ་མའེ་ཁུ་སུ་(MAX)མངལ་ལས་སྐྱེས་པ་ནས་བཟུང་རྒྱུན་ཆད་མེད་པར་བུ་མོའི་པར་དྲ་ངོས་སུ་བཀྲམ་ཞིང་ཐེངས་འདིར་ཡང་ཁོས་བུ་མོས་ཐེངས་དང་པོར་ཆུ་རྐྱལ་བྱེད་སྐབས་ཀྱི་པར་ཞིག་བཀྲམ་པ་ན་མི་ཁྲི་བརྒྱ་ལྷག་གིས་མོས་རྡེབ་དང་དཔྱད་བརྗོད་ཁྲི་2.1ཐོབ།།