མཛོད་དགེ་བཟོ་ཚོང་སྤུས་ཚད་ལག་རྩལ་དང་བཟའ་བཏུང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུས་པ།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༩
        མཛོད་དགེ་བཟོ་ཚོང་སྤུས་ཚད་ལག་རྩལ་དང་བཟའ་བཏུང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟླ་1པོའི་ཚེས་15ཉིན་སྐར་དམར་གྲོང་རྡལ་དུ་ཟབ་ཞུགས་བྱས་ནས་མཐའ་བ་གྲོང་ཚོ་དང་དར་དམར་གྲོང་ཚོ། གདོང་ཁ་གྲོང་ཚོ་བཅས་ལ་འབྲེལ་བ་བྱས་ཏེ་དགུན་དྲོན་པོ་ཞེས་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། དུད་ཚང་20ཡི་དཀའ་ངལ་ཡོད་པ་དང་དབང་བོ་སྐྱོན་ཅན་གྱི་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་འཚམས་འདྲིའི་དངུལ་བསྡོམས་པས་སྒོར་2000བསྐྱལ།།