ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༩
དཀར་མཛེས་ཁུལ་ཨུ། ཁུལ་སྲིད་གཞུང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག དཀར་མཛེས་གེ་སར་གནམ་གྲུ་ཐང་2015ལོའི་ཟླ་12པའི་ཚེས་15ཉིན་རྒྱལ་ཁབ་ཀྱི་རྣམ་གྲངས་དངོས་སུ་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་རེད། དེ་ནི་དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པས། འཆར་འགོད་ལྟར་ད་ལོའི་སྤྱི་ཟླ་3པའི་ནང་ལས་འགོ་ཚུགས་རྒྱུ་ཡིན་ལ། 2017ལོའི་ཟླ་10པའི་ཚེས་1ཉིན་བརྩོན་ལེན་བྱས་ཐོག་དངོས་སུ་ཤར་གཏོང་བྱ་ཐུབ་རྒྱུ་རེད།།