སྡེ་རོང་རྫོང་ནོར་སྲིད་ཅུས་རོགས་སྐྱོར་དུད་ཚང་དུ་ཟབ་ཞུགས་བྱས་ནས་གནད་སྨིན་དབུལ་སྐྱོར་ལས་ཀ་སྤེལ་བ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༨
     སྤྱི་ཟླ་1པོའི་ཚེས་14ཉིན། སྡེ་རོང་རྫོང་ནོར་སྲིད་ཅུས་ཀྱིས་ལས་ཀའི་ཚོ་ཆུང་བཙུགས་ཏེ་སྡེ་རོང་རྫོང་གི་ཝ་ཁ་གྲོང་རྡལ་ཨ་ཟེར་གྲོང་ཚོ་དང་། ཝ་ཁ་གྲོང་ཚོ་གཉིས་ལ་ཟབ་ཞུགས་བྱས་ནས། དུད་ཚང་དབུལ་པོ་17ལ་དམིགས་ཏེ་གནད་སྨིན་དབུལ་སྐྱོར་གྱི་རོགས་སྐྱོར་ལས་ཀ་སྤེལ་པ་རེད།
     ནོར་སྲིད་ཅུས་ཀྱིས་ད་དུང་རོགས་སྐྱོར་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དུད་ཚང་ལ་འཚམས་འདྲི་བྱས་པ་དང་། དུད་ཚང་རེ་རེ་ལ་གྲོ་ཕྱེ་དང་སྣུམ་སྤྲད་པ་སྟེ། ཁྱོན་བསྡོམས་དམངས་སྒོར་4760ཙམ་གྱི་རིན་གོང་ཡོད་པའི་གྲོ་ཕྱེ་ཁུག་མ་17དང་། སྣུམ་ཟོ་བ་17སྤྲད་དེ་དབུལ་པོའི་དུད་ཚང་ལ་ལོ་སར་གྱི་དྲོ་སྐྱིད་དང་འཚམས་འདྲི་བསྐྱལ།