སི་ཁྲོན་ཞིང་ཆེན་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཚད་གཞི་ཨུ་ལྷན་བཙུགས་པ།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༨
སྤྱི་ཟླ་1པོའི་ཚེས་12ཉིན། ཞིང་ཆེན་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་ཁྲེན་ཏུའུ་ནས་བཙུགས། དེས་རང་རེའི་ཞིང་ཆེན་གྱི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཚད་གཞིའི་ལས་ཀ་ཚད་ལྡན་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པ་མཚོན་ཡོད།
སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཚད་གཞི་སྡེ་ཁག་མང་པོ་དང་དམ་དུ་འབྲེལ་ཞིང་། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས་ཚད་ལྡན་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་རང་རེའི་ཞིང་ཆེན་གྱིས་ཡར་ཞུ་བྱས་ནས་རྣམ་གྲངས་སུ་གཏན་འཁེལ་བྱས་པའི་ས་གནས་ཀྱི་ཚད་གཞི་300ལས་བརྒལ་ལ། དེའི་ནང་གི་20%ནི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུ་དང་འབྲེལ་བ་ཡོད།ཨུ་ཡོན་ལྷན་ཁང་བཙུགས་རྗེས། སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཚད་གཞིའི་མ་ལག་འཛུགས་པར་ཞིབ་འཇུག་བྱེད་པ་དང་། ཆེད་ལས་ཁྱབ་ཁོངས་ཁྲོད་ཀྱི་ས་གནས་ཀྱི་ཚད་གཞིའི་ལག་རྩལ་ཞིབ་བཤེར་སྤེལ་བར་རྩ་འཛུགས་བྱས་ཏེ་ལོ་འཁོར་5ཡན་གྱི་ས་གནས་ཀྱི་ཚད་གཞི་ལ་བསྐྱར་ཞིབ་བྱེད་པ་ལག་བསྟར་བྱེད་པ་དང་། ཚད་གཞི་མཚམས་འཇོག་པ་དང་ཕན་ནུས་ལྡན་པའམ་ཡང་ན་བཟོ་བཅོས་ཀྱི་བསམ་འཆམ་འདོན་དགོས།།