རྔ་བ་ཁུལ་གྱི་ཆེས་ཐོག་མའི་ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་ལས་གཏོད་ཁུལ་ལ་ཆོག་མཆན་ཐོབ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༧

  ཉེ་ལམ། གཟི་ཚ་སྡེ་དགུ་རྫོང་ན་གཞོན་(སློབ་ཆེན་སློབ་མ།)གྱིལས་གཏོད་རྟེན་གཞི་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་སོགས་སྡེ་ཁག་བཞིས་ཞིབ་བཤེར་བྱས་པ་བརྒྱུད་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་ལས་གཏོད་ཁུལ་ལ་མཆོག་མཆན་ཐོབ་པ་རེད། མིག་སྔར་ལས་གཏོད་ཁུལ་འདིར་ཚུད་པའི་ལས་གཞི་32དང་ལས་གཏོད་སྐུལ་འདེད་པ་500ལྷག་ཡོད་པ་རེད།།