ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༥
ཉིན་བཅུ་ལྷག་གི་ཛ་དྲག་ཆེ་བའི་ལས་ཀ་བརྒྱུད་། མའོ་རྫོང་དུ་ཉིན་འགའི་སྔོན་དུ་2015ལོའི་ཚིགས་སྦལ་གྱི་ནད་འབྲུ་རིགས་ལ་བརྗེ་འགོད་བྱེད་པའི་ལས་ཀ་བདེ་བླག་ངང་ལེགས་འགྲུབ་བྱུང་། འབྲུ་རིགས་སྤྲོད་བྱེད་པའི་སྐབས་སུ་རྫོང་དེས་འབྲུ་རིགས་དུད་ཁྱིམ་དུ་སྐྱེལ་པའི་བྱེད་ཐབས་སྤྱད་དེ་ཧུར་ཐག་སྒོས་རླངས་འཁོར་རྩ་འཛུགས་བྱས་ཏེ། འབྲས་རྡོག་རེ་རེ་ནད་ཁུལ་གྱི་མང་ཚོགས་ཀྱི་ལག་ཏུ་བསྐྱལ་པ་དང་། ཁོ་ཚོའི་དཔལ་འབྱོར་དང་ལུས་ཤུགས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་བས་ མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་མཁོ་སྤྲོད་བྱས་པའི་ཚིགས་སྦལ་གྱི་ནད་པ་ཁྱོན་བསྡོམས་2379ཡོད་པ་དང་། དེའི་ནང་ས་ཆ་གཞན་དུ་ཡོད་པའི་སློབ་ལོ་རན་པའི་བྱིས་པ་439ཡོད་པ་དང་། འབྲུ་རིགས་དང་འབྲུ་རིགས་ཁྱོན་བསྡོམས་ཏུན་162.24བརྗེ་འགོད་བྱས།།