ཝུན་ཁྲོན་ཁེ་ཁོ་སློབ་ཆུང་གི་དཀའ་ངལ་ཡོད་པའི་སློབ་མ་3ལ་སྒོར་3200ཡི་རོགས་དངུལ་ཐོབ།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༥
     སྤྱི་ཟླ་1པོའི་ཚེས་13ཉིན། ཝུན་ཁྲོན་ཁེ་ཁོ་སློབ་ཆུང་དུ་2015ལོའི་ཡུལ་སྐོར་འགྲེམ་སྟོན་ཚོགས་པའི་སློབ་སྐྱོར་བྱ་དགའི་རོགས་དངུལ་སྤྲོད་པའི་མཛད་སྒོ་སྤེལ། ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་སློབ་མ་གཉིས་ལ་མི་རེར་རོགས་དངུལ་སྒོར600དང་། གློ་བུར་དོན་རྐྱེན་གྱིས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་སློབ་མ་གཅིག་ལ་རོགས་དངུལ་སྒོར་2000ཐོབ།