ལྕགས་ཟམ་རྫོང་གིས་《ཚད་གཞི》དང་《སྲོལ་ཡིག》གི་ཤེས་བྱའི་འགྲན་བསྡུར་སྤེལ་བ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༢
      སྤྱི་ཟླ་1པོའི་ཚེས་4ཉིན། ལྕགས་ཟམ་རྫོང་སྒྲིག་ཨུས་《ཚད་གཞི》དང་《སྲོལ་ཡིག》གི་ནང་དོན་གཙོ་བོ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རྫོང་རིམ་པའི་ཉེ་བའི་རིང་གི་གལ་ཆེའི་ཚོགས་འདུའི་དགོངས་དོན་གྱི་ཕྱོགས་བསྡུས་ཤེས་བྱའི་ཚོད་ལྟའི་འགྲན་སྡུར་བྱ་འགུལ་སྤེལ།
      རྒྱུས་ལོན་བྱུང་པ་ལྟར་ན། རྫོང་ཡོངས་ཀྱི་ཡུལ་ཤོག་10དང་སྡེ་ཚན་58ཀྱིས་འཐུས་མི་མངགས་ནས་འགྲན་སྡུར་ཞུགས། རྫོང་སྒྲིག་བཤེར་ཨུ་ལྷན་གྱིས་དུས་ཐོག་ཏུ་ཚོད་ལྟའི་འགྲན་བསྡུར་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་སྔོན་གྱི་ཨང་རིམ་གསུམ་ལ་གཟེངས་བསྟོད་དང་རྒྱུགས་མ་འཕྲོད་པ་དག་ལ་སྐྱོན་བརྗོད་གནང་།།