ཝུན་ཁྲོན་གྱིས་110དྲིལ་བསྒྲགས་ཉིན་མོའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༢
     སྤྱི་ཟླ་1པོའི་ཚེས་8ཉིན། ཝུན་ཁྲོན་རྫོང་གི་སྤྱི་བདེ་ཅུས་ཀྱིས་110དྲིལ་བསྒྲགས་ཉིན་མོའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ། རྫོང་དེའི་སྐོར་སྐྱོད་ཉེན་རྟོག་རུ་ཁག་དང་། 110བཀོད་འདོམས་ལྟེ་གནས་སོགས་ལས་ཁུངས་ཁག་གི་ཉེན་རྟོག་པ་ཡུལ་དངོས་སུ་ཡོང་ནས་མང་ཚོགས་དང་ཁ་གཏད་སྒོས་དྲི་བ་དང་བློ་འདྲི་དང་ལེན་བྱས་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱི་110སྐོར་གྱི་དྲི་བ་ལ་ལན་བཏབ་པ་མ་ཟད། དྲིལ་བསྒྲགས་བྱང་བུ་དང་འཕྲེད་འགེལ་བྱང་བུ། དྲིལ་བསྒྲགས་ཡི་གེ་སོགས་འགྲེམ་སྤེལ་བྱེད་པའི་རྣམ་པ་བརྒྱུད་ཤུགས་ཆེན་པོས་ཇི་ལྟར་ཡང་དག་པའི་སྒོ་ནས་ཉེན་བརྡ་གཏོང་བ་དང་110ཉེན་རྟོག་པའི་ཕྱིར་གཏོང་ཁྱབ་ཁོངས། 110ཉེན་བརྡ་བཏང་བའི་རྒྱུན་ཤེས་སོགས་དྲིལ་བསྒྲགས་བྱས།།