འཛམ་ཐང་རྫོང་དུ་རྡོ་སོལ་གྱིས་བུད་ཤིང་གི་ཚབ་བྱས་ནས་རི་ཀླུང་གི་ལྗང་མདོག་རྒྱུན་འཁྱོངས་བྱས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༡
     སྤྱི་ཟླ་1པོའི་ཚེས་5ཉིན། འཛམ་ཐང་རྫོང་གི་ཁོར་ཡུག་དང་ནགས་ལས་ཅུས་ཀྱིས་རྡོ་སོལ་མཁོ་སྤྲོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་རྫོང་དེའི་རིག་གནས་ཐང་ཆེན་དུ་གཞི་རྒྱ་ཆེ་བའི་རྡོ་སོལ་གསར་པའི་ཚོང་སྐུལ་དྲིལ་བསྒྲགས་བྱེད་སྒོ་སྤེལ། དམངས་ཚོགས་མང་པོ་བྱེད་སྒོར་ཞུགས་ཏེ་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས།
     འཛམ་ཐང་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡོད་ཅིང་དགུན་དུས་ཀྱི་དུས་ཚོད་རིང་། སྔོན་ཆད་ཞིང་བའི་ཐོན་སྐྱེད་མེ་སྤྱོད་དང་འཚོ་བའི་དྲོད་ལེན་མང་ཆེ་བར་བུད་ཤིང་གཙོ་བོར་བྱེད། རྫོང་དེས་ཤུགས་ཆེན་པོས་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི་ཇུས་གཞི་ལག་བསྟར་བྱས་པ་ནས་བཟུང་།  གང་བྱུང་དུ་སྡོང་བོར་གཅོད་པ་སོགས་ལ་ཆད་པ་ནན་པོ་གཅོད་པའི་ཞོར་དུ་རྫོང་དེས་འབར་རྫས་གསར་པ་ཁྱབ་སྤེལ་གཏང་བར་ཁྲིད་སྟོན་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་བ་རེད།།