ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༥
ཉེ་ཆར། ལྕགས་ཟམ་རྫོང་ནགས་ལས་ཅུས་ཀྱིས་སྤྱི་ལོ་གསར་བའི་དུས་ཆེན་གྱི་དགུང་གསེང་བེད་སྤྱད་བྱས་ཏེ་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས་ཏེ་བེ་ཀྲང་ཧྲེ་གོ་ཡུལ་ཚོ་རུ་ཤིང་ཏོག་འདེབས་འཛུགས་དང་དོ་དམ་སྐོར་གྱི་གསོ་སྐྱོང་བྱེད་སྒོ་སྤེལ། ཡུལ་དངོས་ནས་ཤིང་ཏོག་གི་ཡལ་ཀ་ཅི་ལྟར་གཏུབ་གཅོད་བྱེད་པ་དང་དགུན་དུས་ཅི་ལྟར་གསོ་སྐྱོང་བྱེད་དགོས་པའི་ཐད་ནས་འཆད་ཁྲིད་བཀོད་སྒྲིག་བྱས་པར་ཡུལ་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་ཕན་འབྲས་མངོན་གསལ་བླངས།།