སི་ཁྲོན་གྱི་གཞུང་དབང་ཁེ་ལས་38ཀྱིས་དབུལ་ཕོངས་རྫོང་42ལ་གནད་སྨིན་དབུལ་སྐྱོར་བྱས།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༥

ལུའེ་པོ་དང་མེ་ཀུའུ་སོགས་ལའང་ཧྲན་དབྱི་རིགས་ས་ཁུལ་གྱི་རྫོང་(ཁུལ།)13ནི་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་སའི་རྫོང་(ཁུལ།)ཡིན་པ་ཕུད། ཞིང་ཆེན་ཡོངས་ལ་དུ་དུང་གཞུང་ཁོངས་ཁེ་ལས་38ཀྱིས་ཆུ་ཆེན་རྫོང་དང་ཕེན་ཧྲན་རྫོང་སོགས་དབུལ་ཕོངས་རྫོང་(ཁུལ།)42ལ་གནད་སྨིན་དབུལ་སྐྱོར་གྱི་ལས་འགན་འཁུར་ཡོད། རང་རྟོགས་རང་མོས་དང་། རང་འགུལ་གྱི་ལས་ཀའི་བསམ་གཞིགས་ལྟར། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཞུང་ཁོངས་ཁེ་ལས་ཀྱི་ཁྱད་ཡོན་འདོན་སྤེལ་དང་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་བརྟན་པོའི་ངང་སྐུལ་འདེད་བྱས་པས་དབུལ་ཕོངས་གྲོང་ཚོར་རྣམ་པ་གསར་པ་མངོན་བཞིན་ཡོད།།