གཟི་ཚ་སྡེ་དགུ་རྫོང་གིས་རྫོང་ནང་ཁུལ་ནས་ཁྲིམས་སྲོལ་ཁག་གཉིས་ཀྱི་ཤེས་བྱ་འགྲན་བསྡུར་སྤེལ་བ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༢༧
     སྤྱི་ཟླ་12པའི་ཚེས་23ཉིན་གྱི་ཕྱི་དྲོར། གཟི་ཚ་སྡེ་དགུ་རྫོང་གིས་《ཀྲུང་གོ་གུང་ཁྲན་ཏང་སྤྱོད་གཙང་རང་གཅུན་བྱེད་པའི་ཚད་གཞི།》་དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་ཤེས་བྱའི་འགྲན་བསྡུར་གྱི་བསྐྱར་འགྲན་ནང་ཞུགས་པའི་དཔུང་ཁག་5ཡི་གཞོན་ནུ་བདམས་ཐོན་པ་15་མཐའ་མཇུག་གི་བདིང་རྩོད་པའི་འགྲན་བསྡུར་བྱེད་པ་རེད། 
     རྒྱུས་ལོན་བྱུང་བར་ལྟར་ན། ཨང་དང་པོ་ཐོབ་མཁན་གྱི་མི་3པོས་གཟི་ཚ་སྡེ་དགུ་རྫོང་གི་ཚབ་བྱས་ཏེ་རྔ་བ་ཁུལ་གྱི་《ཚད་གཞི།》་དང་《སྲོལ་ཡིག》གི་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་ནང་ཞུགས་རྒྱུ་རེད།