ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༢༣
ཉེ་ཆར། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཞིས་དཔེས་སློབ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས། སློབ་གྲྭ་དེའི་སློབ་གཙོ་ཀྲོའུ་ཙུ་ཆིང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ། དེ་བཞིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲུའུ་བེ། 《ཀྲུང་གོའི་བོད་རིག་པ།》ཡི་གཙོ་སྒྲིག་པ་བང་བེ་ཀྲོང་། སི་ཁྲོན་སློབ་ཆེན་སློབ་གསོ་པུའུ་འབྲི་ཆུའི་མཁས་དབང་། དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་ཧྲི་ཧྲོ། བོད་ལྗོངས་སློབ་ཆེན་སློབ་གསོ་པུའུ་འབྲི་ཆུའི་མཁས་དབང་། དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་ཚེ་བརྟན་བཀྲ་ཤིས་སོགས་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭའི་ཆེད་རམས་པ། མཁས་དབང་བཅས་མི་སྣ་20ལྷག་ཚོགས་འདུར་ཞུགས། སློབ་གཙོ་གཞོན་པ་ཀྲོའུ་ཙུ་ཆིང་གིས་དབུ་ཚུགས་པའི་མཛད་སྒོར་གཙོ་སྐྱོང་གནང་།།