རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་12·9ལས་འགུལ་གྱི་དྲན་གསོའི་བྱེད་སྒོ་སྤེལ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༢
     རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏང་ཆེད། ཁ་སང་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་12·9ལས་འགུལ་ལོ་འཁོར་80ལོན་པའི་དྲན་གསོའི་ཚོགས་འདུ་དང་དགེ་སློབ་མཉམ་སྤྲོའི་བྱེད་སྒོ་སྤེལ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་2300 ལྷག་བྱེད་སྒོར་ཞུགས་པ་རེད། 
     མདོ་འཛིན་པས་རྒྱ་བོད་སྐད་རིགས་གཉིས་ཀྱིས་12·9རྒྱལ་གཅེས་སློབ་མའི་ལས་འགུལ་ལ་ཕྱིར་དྲན་བྱས་ཤིང་། རྔ་བ་རྫོང་གི་འགྱུར་ལྡོག་གསར་པ་དང་མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་ཞེན་ཐད་ནས་འབྲེལ་བརྗོད་བྱས།།