སི་ཁྲོན་གྱི་འབྱུང་འགྱུར་གྱི་ལོ་ལྔའི་ནང་དབུལ་པོའི་མི་གྲངས་ཁྲི་380 དབུལ་ཕོངས་ལས་ཐར་བའི་འཆར་གཞི་བཟོས།
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༢

ཞིང་ཆེན་དབུལ་སྐྱོར་དང་ཡུལ་མི་གནས་སྤོས་ཅུས་ཀྱི་ཅུས་ཀྲང་ཀྲང་ཀུའུ་ཀྲུའུ་ཡིས་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ཀྲུའུ་ཧྲི་ཧུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འགན་འཛིན་པ་ཝང་ཅན་ཅུན་དང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཅི་ཁྱབ་བསྒྲགས་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་ཏང་ཨུའི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ལི་ཞའོ་ཅེན་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་།
ཁྱབ་བསྒྲགས་ཚོགས་འདུའི་ཐོག ཞིན་ཧྭ་གསར་འགྱུར་ཁང་དང་། ཏ་ཀུང་ཚགས་པར། སི་ཁྲོན་ཉིན་རེའི་ཚགས་པར། སི་ཁྲོན་བརྙན་འཕྲིན་ཁང་། ཧྭ་ཤིས་གྲོང་ཁྱེར་ཚགས་པར་སོགས་ཀྱི་གསར་འགོད་པས་རིམ་དབྱེའི་སྨན་བཅོས་དང་། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་སྒོ་འབྱེད་པ། མཐོ་རྒྱུགས་ཀྱི་སྒྱུར་བཅོས། ཞིང་པའི་ལས་སྒོ་གསར་འབྱེད་དང་ལས་ཞུགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སོགས་ཀྱི་ཐད་ནས་དྲི་བ་དྲིས།།