མུ་ལི་རྫོང་དུ་བོད་ཁུལ་གྱི་ཟས་རིགས་ཁྲོམ་རའི་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༡
    ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱ་ཆེད། བོད་རིགས་ས་ཁུལ་གྱི་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་བོད་རིགས་ས་ཁུལ་གྱི་ཟས་རིགས་བདེ་འཇགས་ཀྱི་གནོད་དོན་ཐག་གཅོད་བྱེད་པ།  བོད་ཁུལ་མི་དམངས་མང་ཚོགས་ཀྱི་ཟས་རིགས་འཛད་སྤྱོད་བདེ་འཇགས་འགན་སྲུང་བྱ་ཆེད། 2015ལོའི་སྤྱི་ཟླ་11པའི་ཚེས་6ནས་སྤྱི་ཟླ་12པའི་ཚེས་6ཉིན་བར་དུ། མུ་ལི་རྫོང་ཟས་རིགས་དང་སྨན་རྫས་འགན་སྲུང་ཅུས་ཀྱིས་དུས་ཡུན་ཟླ་གཅིག་རིང་ལ་བོད་རིགས་ས་ཁུལ་གྱི་ཟས་རིགས་ཁྲོམ་རའི་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ། བོད་ཁུལ་གྱི་ཟས་རིགས་ཚོང་གཉེར་བྱེད་མཁན་གྱིས་ཟས་རིགས་ཚོང་ཁང་དང་ལས་སྣོན་ས་ཁུལ། རྒྱུ་ཆ། མཛོད་ཁང་སོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས། །