ཝང་ཏུང་མིང་གིས་ཀྲུང་གོའི་སྨན་རྫས་སྤྱི་གཉེར་ཁང་གི་རྐང་བདག་འགན་འཛིན་པ་དང་སྤྱི་གཉེར་བ་དང་མཇལ་འཕྲད་གནང་།
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༡

མིང་རྟགས་བཀོད་པའི་མཛད་སྒོའི་ཐོག ཞིང་དཔོན་གཞོན་པ་ལིའུ་ཅེ་དང་ཀྲུང་གོའི་སྨན་རྫས་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་ཧྲེ་ལོས་ལེན་གྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་མཉམ་ལས་དྲན་ཐོར་མིང་རྟགས་བཀོད། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའོ་ཆང་གིས་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་བོས་ཆིན་ཕིན། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྣམས་མིང་རྟགས་བཀོད་པའི་མཛད་སྒོར་ཞུགས།།