དར་མདོ་རུ་འཁོར་སྐྱོད་དཔེ་མཛོད་རླངས་འཁོར་ཡུལ་སྡེའི་ཁྲོད་དུ་སྐྱོད་པ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༠

ཐེངས་འདིའི་འཁོར་སྐྱོད་དཔེ་དེབ་རླངས་འཁོར་ཡུལ་སྡེའི་ནང་དུ་བསྐྱོད་པའི་བྱེད་སྒོར་ལ་ཁྱོན་བསྡོམས་དཔེ་དེབ་500ལྷག་ཞིག་གྲ་སྒྲིག་བྱས་ཡོད་ལ། དེའི་ནང་དུ་རྒྱ་ཡིག བོད་ཡིག བོད་རྒྱ་ཡིག་རིགས་ཟུང་མའི་དཔེ་དེབ་འདུས་ཡོད། དེའི་ནང་དོན་ལ་སྐར་རྩིས་རིག་པ་དང་ས་ཁམས། ཞིང་ལས་ལག་རྩལ། བྱིས་པའི་རྩོམ་རིག་སོགས་ཐད་ཀྱི་ནང་དོན་བསྡུས་ཡོད་པས། ཞིང་འབྲོག་པའི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་དང་བསམ་འདུན་གང་ལེགས་སྒོས་སྐོང་ཐུབ་པ་བྱུང་ཡོད་ལ། དུས་མཚུངས་སུ། ཡུལ་སྐོར་ཅུས་ཀྱིས་ད་དུང་ཡུལ་མི་དག་ལ་དཔེ་དེབ་200ལྷག་སྦྱིན་པ་རེད།
རྗེས་མར། གྲོང་ཁྱེར་དེ་གར་ད་དུང་འཁོར་སྐྱོད་དཔེ་མཛོད་རླངས་འཁོར་བེད་སྤྱོད་གང་ལེགས་བྱས་ཏེ། ཉར་ཚགས་བྱས་པའི་དཔེ་དེབ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་། འཁོར་སྐྱོད་དཔེ་དེབ་རླངས་འཁོར་སློབ་གྲྭའི་དང་གནས་ཁུལ། ཁེ་ལས་དང་ཞིང་འབྲོག་མང་ཚོགས་འདུས་སྡོད་ཁུལ་དུ་སྐྱོད་དེ། མང་ཚོགས་ཀྱི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་སྐོང་ཐུབ་པ་དང་གྲོང་ཁྱེར་ཡོངས་ཀྱི་དཔེ་ཀློག་གི་རྣམ་པ་གསར་བ་ཞིག་གཏོད་ངེས།