ཟུང་ཆུ། མ་དངུལ་སྒོ་ཁྲི་127.12བཏང་ནས་སློབ་མས་དགུན་ཁ་དྲོན་པོའི་ངང་ནས་རོལ་བར་འགན་བཅོལ་བྱས།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༧
   སྤྱི་ཟླ་11པའི་ཟླ་དཀྱིལ་ནས་བཟུང་། ཟུང་ཆུ་སློབ་འབྲིང་གིས་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་46གི་སློབ་ཁང་དང་སློབ་མའི་ཉལ་ཁང་ནང་དུ་ཆུ་དྲོད་སྒྲིག་ཆས་བཀོད་སྒྲིག་བྱས། ད་ལྟ་སློབ་མའི་སློབ་ཁང་དང་མལ་ཁང་ལ་དྲོད་ཁོག་གྱིས་ཁེངས་འདུག
   ད་ལོར། ཟུང་ཆུ་རྫོང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་མའི་དྲོད་ལེན་ལས་དོན་འགན་ལེན་བརྟན་པོར་བྱ་ཆེད། ལོ་རེ་ལ་ལོ་མ་རེར་སྒོར་200ཡི་ཚད་གཞིའི་ལྟར། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་6356(དེའི་ནང་དུ་ས་བབ་མཐོ་བའི་ས་ཁུལ་གྱི་སྡེ་བའི་བྱིས་པ་སློབ་མ་357འདུས)ལ་དགུན་དུས་ཀྱི་དྲོད་ལེན་མ་དངུལ་སྒོར་ཁྲི་127.12གཏོང་སྤྲོད་བྱས་པ་རེད།།