སི་ཁྲོན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་དཀར་མཛེས་ཁུལ་ནས་སྒྲོག་འགྲེལ་ཚོགས་འདུ་འཚོགས།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༧

ཐེངས་འདིའི་སྙན་ཞུའི་ཚོགས་འདུ་རུ་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་པ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་དང་དེ་མིན་དྲུང་ཡིག་ཆེན་མོ་དང་དྲུང་ཆེན་མོ་གཞོན་པ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག དར་མདོ་གྲོང་ཁྱེར་གྱི་སྡེ་ཁག་ཆེན་པོ་བཞིའི་འགོ་ཁྲིད་དང་དེ་བཞིན་ཁོའོ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་མི་ཁྱོན་བསྡོམས་མི་སྣ་500ལྷག་ཐེངས་འདིའི་སྒྲོག་འགྲེལ་གྲོས་ཚོགས་སྟེང་ཞུགས། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལི་ཁྲིན་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་ཏུ་ཧྲེན་ཅི་ཡིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་ནང་དུ་བསྟན་དོན། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས་པ་དང་། ངལ་རྩོལ་དང་ཤེས་ཡོན། ལག་རྩལ། དོ་དམ། མ་རྩ་བཅས་ཡོད་ཚད་ཀྱི་སྟོབས་ཤུགས་མཉམ་དུ་འཕེལ་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་འདྲ་མཉམ་སྒོས་མི་དམངས་ཡོངས་ལ་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཅེས་བསྟན།།