མཛོད་དགེ་རྫོང་གིས་ཡུལ་མིའི་རྒན་གསོའི་འགན་བཅོལ་གྱི་དམིགས་ཚད་འོས་འགན་ལེགས་འགྲུབ་བྱུང་།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༣

    ད་ལོར། མཛོད་དགེ་རྫོང་གིས་གྲོང་ཁྱེར་དང་གྲོང་སྡེའི་གྲོང་མིའི་རྒན་གསོ་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས་ཏེ། མང་ཚོགས་འགན་བཅོལ་ནང་ཞུགས་ཚད་མཐོར་འདེགས་སུ་གཏང་།
    མིག་སྔའི་བར་དུ། རྫོང་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་34501ཟིན་ལ། དམིགས་བྱའི་ལས་འགན་མི་གྲངས་3390གྱི་102%ཡི་འོས་འགན་གྲུབ། མདངུལ་འཇལ་བའི་མི་གྲངས་22926རུ་ཟིན་ལ། དམིགས་བྱའི་འོས་འགན་མི་གྲངས་22820གྱི་100.5%ཟིན། རྒན་གསོའི་མ་དངུལ་སྒོར་ཁྲི་269.86བསྡུ་ལེན་བྱས་ཟིན་ལ། རྒན་གསོའི་དངུལ་སྒོར་ཁྲི་651.22མར་སྤྲད།།