རྔ་བ་ཁུལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་རྫོང་བོད་ཡིག་སློབ་འབྲིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༣
  ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་སྐད་གཉིས་སློབ་གསོ་ལ་དམིགས་ཏེ། ཧུར་ཐག་གིས་རྔ་བ་རྫོང་བོད་ཡིག་སློབ་འབྲིང་བོད་རིགས་ས་ཁུལ་གྱི་དཔེ་སྟོན་བོད་ཡིག་སློབ་འབྲིང་རྩེ་གྲས་སུ་འཛུགས་གཉེར་བྱས།
  མིག་སྔར། རྔ་བ་རྫོང་གི་ལྷོ་འགྲམ་གསར་ཁུལ་རྔ་ཆུའི་ཟམ་པ་དང་པོ་ལྷོ་ཕྱོགས་སུ་སྨི་གྲུ་བཞི་མ་8000སྟེ། ས་ཞིང་མུའུ་120སྤྱད་དེ། མི་རེར་ཆ་སྙོམས་སྨི་གྲུ་བཞི་མ་40ཡི་སློབ་ཁུལ་གསར་པ་གསར་སྐྲུན་བྱས་ཡོད། རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་མཁོ་བའི་མ་དངུལ་བསྡོམས་འབོར་སྒོར་ཁྲི་15000ཟིན་ལ། མིག་སྔར་མ་དངུལ་སྒོར་ཁྲི་8000ལྷག་བཏང་བ་དང་། ལག་གྲུག་རྩེད་ཁང་སོགས་ཀྱི་རྣམ་གྲངས་སང་ལོ་ནས་མུ་མཐུད་དུ་འཛུགས་སྐྲུན་བྱ་རྒྱུ་རེད།།