ཏུར་ཁེ་མཁའ་དམག་གིས་ཨུ་རུ་སུའི་འཐབ་འཁྲུག་གནམ་གྲུ་ཞིག་གཏོར་ཏེ་སར་ལྷུང་།

ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༥

  སྤྱི་ཟླ་11པའི་ཚེས་24ཉིན། ཨུ་རུ་སུའི་འཐབ་འཁྲུག་གནམ་གྲུ་-24ཏུར་ཁེ་དང་སི་རི་ཡ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་ཏུར་ཁེའི་མཁའ་དམག་གིས་གཏོར་ཏེ་སར་ལྷུང་། ཨུ་རུ་སུའི་སྲིད་འཛིན་ཕོའོ་ཅིན་གྱིས་དོན་རྐྱེན་འདིས་ཨུ་རུ་སུ་དང་ཏུར་ཁེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཞེས་བསྟན། 

  རྒྱུས་ལོན་བྱུང་བ་ལྟར་ན།  ཨུ་རུ་སུའི་འཐབ་འཁྲུག་གནམ་གྲུ་-24སྟེང་གི་མི་སྣ་གཉིས་ལས་གཅིག་རྐྱེན་ལམ་དུ་ཤོར་ཞིང་གཅིག་ཤོས་སི་རི་ཡའི་ངོ་རྒོལ་ཚོགས་པའི་ལག་ཏུ་ཚུད།།