དར་མདོའི་ས་འགུལ་གནོད་ཐེབས་ཁུལ་གྱི་འབྲོག་དམངས་སྡོད་ཁང་གསར་པའི་ནང་དུ་སྤོས་པ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༤

འོས་འགན་ཆེན་པོ་འདི་གཉིས་ནི་11·22དར་མདོའི་ས་འགུལ་གནོད་རྗེས་བསྐྱར་སྐྲུན་ཁྲོད་ཀྱི་མེད་ཐབས་མེད་པའི་བརྗོད་གཞི་ཞིག་ཡིན། དེར་བརྟེན། ལོ་གཅིག་རིང་གི་དཀའ་སྤྱད་བསྐྱར་སྐྲུན་བྱས་པར་བརྒྱུད། ས་གནས་དེ་གའི་སྲིད་གཞུང་གིས་དམངས་འཚོ་སྔོན་དུ་འཇོག་པ་ཞེས་པའི་རྩ་དོན་གཞིར་བཟུང་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་དང་། ཐོན་ལས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་བསམ་ཕྱོགས་ཤིག་འཚོལ་ཞིབ་བྱས་པས་འདི་ལྟ་བུའི་བསྐྱར་སྐྲུན་གཙོ་གནད་དེ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཏུ་འགྱུར་ཡོད།།