ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༤
ཟླ་འདིའི་ཟླ་མཇུག་ཏུ། སྡེ་རོང་རྫོང་གི་སྐབས་དང་པོའི་མང་ཚོགས་རིག་གནས་སྒྱུ་རྩལ་དུས་ཆེན་དང་གནོད་རྗེས་བསྐྱར་སྐྲུན་ལོ་འཁོར་གཉིས་ལོན་པའི་དྲིན་དྲན་བྱེད་སྒོ་དེ་རྫོང་སློབ་འབྲིང་ནས་གཟབ་རྒྱས་ངང་སྤེལ་འགོ་ཚུགས་རྒྱུ་རེད། སྤྱི་ཚོགས་ལས་རིགས་ཁག་གིས་སྡེ་རོང་རྫོང་གཏིང་ཟབ་པོའི་ངང་ནས་ཤེས་རྟོགས་བྱུང་བ་དང་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་མཚོན་པར་བྱ་བ། ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མ་ལུང་པ་ཞེས་པའི་སྤུས་རྟགས་སྔར་བས་རིམ་སྤར་བྱེད་ཆེད། སྡེ་རོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཇུས་འགོད་ཞིབ་ཚགས་སྒོས་ད་རེས་ཀྱི་བྱེད་སྒོའི་དྲིལ་བསྒྲགས་ཁྱབ་སྤེལ་ལས་ཀ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད།།