ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢༤
ཉེ་ཆར། དར་མདོ་གྲོང་ཁྱེར་དར་མདོ་གྲོང་རྡལ་གྱིས་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅིས་ཚོ་ཆུང་གི་ཚོ་དཔོན་གནང་བའི་དབུལ་སྐྱོར་འགག་སྒྲོལ་གྱི་འགོ་ཁྲིད་ཚོ་ཆུང་བཙུགས་ཤིང་། ཡུལ་ཤོག་དང་གྲོང་སྡེ་འགན་གཙང་ལེན་བྱེད་པའི་འགན་ཁུར་ལམ་ལུགས་ལག་བསྟར་བྱས། མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་སྡེ་དང་དུད་ཚང་དུ་སྐྱོད་དེ་དབུལ་སྐྱོར་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། འཕྲེད་འགེལ་ཡི་གེ་སྤྱད་པ་སོགས་བརྒྱུད་དེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་རེད། གཞི་གྲངས་ཁག་གི་བསྐྱར་ཞིབ་ཇེ་མགྱོགས་སུ་སྤེལ་ནས་བྱ་ཡུལ་གནད་ལ་འཁེལ་བ་དང་བྱེད་ཐབས་གནད་ལ་འཁེལ་བ་འགན་ལེན་བྱས། ལྟ་ཞིབ་ཚོ་ཆུང་བཙུགས་ནས་ནང་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པ་དང་། གནད་ལ་འཁེལ་བའི་ངང་དབུལ་སྐྱོར་བྱེད་པའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུར་འགན་ལེན་བྱས།།