ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཟུང་ཆུ་རྫོང་གི་བོད་ཁུལ་དཔེ་ཁང་གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༤
   ཉེ་ཆར། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྟོག་ཞིབ་ཚན་ཆུང་གིས་རྔ་བ་ཁུལ་ཟུང་ཆུ་རྫོང་གི་བོད་ཁུལ་དཔེ་ཁང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་ཚོགས་ཆུང་རྫོང་དེ་གའི་དགོན་སྡེའི་གྲྭ་བཙུན་དཔེ་ཁང་དང་ཞིང་པའི་དཔེ་ཁང་དུ་རྟོག་ཞིབ་བྱས་ཤིང་། དགོན་སྡེའི་གྲྭ་བཙུན་དཔེ་ཁང་གི་སྒྲིག་བཀོད་སྒྲིག་ཆས་དང་དགོན་པའི་གྲྭ་བཙུན་གྱི་རིག་གནས་དགོས་མཁོ། ཞིང་པའི་དཔེ་ཁང་གི་དོ་དམ་དང་། མི་སྣ་བསྐོ་སྒྲིག བདམས་ཉོ། མངག་ཉོ། སྦྲག་སྐྱེལ་དང་དུས་དེབ་གཡར་ཀློག་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཡུལ་གྲོང་དང་དེ་བཞིན་རིག་གནས་སྡེ་ཚན་གྱི་འགན་ཁུར་བའི་གནས་ཚུལ་སྙན་ཞུར་ཉན།
   རྟོག་ཞིབ་ཚན་ཆུང་གིས་དགོན་སྡེའི་དཔེ་ཁང་དང་ཞིང་པའི་དཔེ་ཁང་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། དུས་མཚུངས་སུ་དོ་དམ་ལ་ཤུགས་སྣོན་དང་། དོ་དམ་གྱི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏང་བ་དང་གྲོང་གསེབ་ཀྱི་རིག་གནས་འཚོ་བ་གསོན་ཉམས་ལྡན་པར་བྱེད་པ་དང་ཁོ་ཚོའི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་བསྐང་རྒྱུའི་བླང་བྱ་བཏོན།
   ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཟུང་ཆུ་རྫོང་དུ་ཞིང་པའི་དཔེ་ཁང་143དང་། དགོན་སྡེའི་གྲྭ་བཙུན་དེབ་ཁང་19  སྡེ་ཁུལ་དཔེ་ཁང་4བཅས་བསྐྲུན་ཡོད། རྫོང་དེའི་དཔེ་ཁང་འཛུགས་སྐྲུན་བྱས་པ་དེས་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་རྣམས་ཀྱི་རིག་གནས་ཀྱི་དགོས་མཁོ་བསྐོངས་ཡོད་པ་དང་། ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་གྱི་དཔེ་དེབ་ལྟ་ཀློག་གི་ཆ་རྐྱེན་ལེགས་བཅོས་བྱས་ཡོད་པར་མ་ཟད་ཁོང་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།།