སེར་ཤུལ་རྫོང་གིས་གནད་སྨིན་དབུལ་སྐྱོར་ཤེས་བྱའི་སྐོར་གྱི་ཡིག་རྒྱུགས་བླངས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༡
   གནད་སྨིན་དབུལ་སྐྱོར་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་མིག་སྔར་དང་འབྱུང་འགྱུར་ལོ་ལྔའི་རིང་གི་གཙོ་གནད་ལས་ཀ་དེ་ཡིན། གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་ཁག་སྔར་བས་ཡག་པོ་བསྒྲུབ་ནས་དབུལ་སྐྱོར་ལས་བྱེད་པས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དང་གཞུང་ལུགས། ཤེས་བྱ་ཁག་ངེས་པ་དོན་གྱིས་ཁོང་དུ་ཆུད་པར་ཤུགས་སྣོན་བྱ་ཆེད། སེར་ཤུལ་རྫོང་དབུལ་སྐྱོར་འགག་སྒྲོལ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། ཉེ་ཆར། སེར་ཤུལ་རྫོང་གིས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གནད་འཁེལ་དབུལ་སྐྱོར་ཤེས་བྱའི་སྐོར་གྱི་ཡིག་རྒྱུགས་བླངས།།