རོང་བྲག་རྫོང་དུ་ཐབས་མང་མཉམ་སྤྱོད་བྱས་ཤིང་། ནུས་ཤུགས་ཡོད་རྒུས་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཡག་པོར་བསྒྲུབ་པ་རེད།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༡
   ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་ཚོགས་འདུ། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་སེམས་དང་སྟོབས་ཤུགས་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་གཅིག་ཏུ་བསྐྲུན་པའི་རླབས་ཆེན་གྱི་ལམ་བུའི་ཁྲོད་དུ་གོང་བུར་བསྒྲིལ་བ་དང་། མཛེས་སྡུག་སྐྱེ་ཁམས་སམ་འཆམ་མཐུན་བདེ་སྐྱིད་ཀྱི་རོང་བྲག་གསར་པའི་འཛུགས་སྐྲུན་གྱི་སྟེང་དུ་གོང་བུར་བསྒྲིལ་ནས། སྔར་བས་ལྷག་པར་རྫོང་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་ངོས་འཛིན་རྒྱ་ཁྱབ་དང་མཉམ་ཤུགས་ཆེན་པོ་ཆགས་པར་འཇུག་དགོས། རོང་བྲག་རྫོང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། བྱ་ཐབས་སྣ་མང་སྤྱད་དེ་ཕྱོགས་ཡོངས་ནས་བོད་རིགས་ས་ཁུལ་གྱི་ལས་ཀའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ལས་ཀ་དོན་འཁྱོལ་བྱས།