རྟའུ་རྫོང་དུ། སྒྲོག་འགྲེལ་དོན་ཚན་ལྔ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་ཚོགས་འདུའི་དགོངས་དོན་གསལ་པོ་བཤད་པ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༡

མིག་སྔའི་བར། དཀར་མཛེས་ཁུལ་དང་རྟའུ་རྫོང་གི་མཉམ་འབྲེལ་སྒྲོག་འགྲེལ་ཚོ་ཆུང་དང་། ཡུལ་སྡོད་སྒྲོག་འགྲེལ་ལས་དོན་རུ་ཁག་ཡུལ་ཤོག་དང་། དགོན་པ། གྲོང་ཚོ། སློབ་གྲྭ་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་ཚོགས་ཆེན་ཐེངས་179སྤེལ་ཡོད་ལ། ལས་བྱེད་པ་དང་མང་ཚོགས་21300ལྷག་གིས་སློབ་སྦྱོང་བྱས་ཡོད། 2015ལོའི་སྤྱི་ཟླ་11པའི་ཚེས་1ཉིན་སྒྲོག་འགྲེལ་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། རྫོང་ཡོངས་ཀྱི་གོང་འོག་ཚང་མ་ཧུར་ཐག་སྒོས་ཞུགས་ཤིང་། དགོངས་དོན་ངེས་ཤེས་དང་། སྟོབས་ཤུགས་གཅིག་སྒྲིལ། ཐུན་མོང་འཕེལ་རྒྱས། འཆམ་མཐུན་སྲུང་སྐྱོང་བྱས་ནས། ཕྱོགས་ཡོངས་ནས་སྒྲོག་འགྲེལ་ལས་དོན་གྱི་ཚ་རླབས་གསར་པ་འཕྱུར་བར་བྱས།