མཛོད་དགེ་རྫོང་གི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་ཡུལ་ཤོག་དང་གྲོང་རྡལ་དུ་སྒྲོག་འགྲེལ་བྱེད་པར་ཕྱིན་པ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༡
    སྤྱི་ཟླ་11པའི་ཚེས་6ཉིན་ནས་ཚེས་10ཉིན་བར། མཛོད་དགེ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་བྱས་ཏེ་བཙུགས་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ་(ར་བ་18)གཞན་རྫོང་ཡོངས་ཀྱི་ལས་ཁུངས་ཁག་དང་ཁེ་ལས་སམ་དོན་ལས་སྡེ་ཚན་དུ་བསྐྱོད་དེ། ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།