མཛོད་དགེ་རྫོང་གིས་ནུས་རྒྱུ་གསར་པ་གསར་སྤེལ་དང་བེད་སྤྱོད་གཏོང་རྒྱུ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༩
     མིག་སྔར།  མཛོད་དགེ་རྫོང་ཨ་ཞི་ཡུལ་ཤོག་གི་གྲོ་སྐོར་20MWའོད་ཤུགས་གློག་ཁང་གི་རྣམ་གྲངས་ཀྱི་དྲ་སྦྲེལ་གློག་གཏོང་བདེ་བླག་ངང་མངོན་འགྱུར་བྱས་པས། མཛོད་དགེ་རྫོང་ལ་ནུས་རྒྱུ་གསར་པ་གསར་སྤེལ་དང་བེད་སྤྱོད་གཏོང་རྒྱུ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ། རྣམ་གྲངས་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་26970བཏང་བ་དང་། གློག་ཁང་གི་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་ཤོང་ཚད་ནི་20MWདང་། ལོ་རེའི་ཆ་སྙོམས་དྲ་ཐོག་ནས་གློག་འདོན་ཚད་ནི་kW·hཁྲི་4103.413752ཡིན།