ཀྲུང་གོའི་རྒྱལ་སྤྱིའི་གློག་བརྙན་ཆུང་གྲས་ཀྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས།
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༥

བརྩམས་ཆོས་དེའི་གླེང་བྱ་ནི་སྐོམ་པས་ཆུ་འདོད་ལྟར་ཉི་འོད་དང་། སྐོམ་པས་ཆུ་འདོད་ལྟར་སློབ་སྦྱོང་བྱེད་བཞིན་པའི་བོད་ལྗོངས་ཀྱི་བྱིས་པ་ལོང་བ་བུ་མོ་ཞིག་གིས་རང་ཉིད་ཀྱི་ལྷག་བསམ་གྱིས་བརྙན་ལེན་ཅན་ཀྱི་སེམས་ནང་གི་གཏམ་རྒྱུད་ལ་བཀྲག་མདངས་འཚེར། གློག་བརྙན་ཡོངས་ཀྱི་ནང་དུ་བོད་ཁུལ་གྱི་བརྗིད་ཆགས་ལྡན་པའི་ཡུལ་ལྗོངས། བབ་ཆགས་རྒྱུན་ལྡན་ཀྱི་བོད་ཀྱི་ཞིང་བ་བཅས་རྩོམ་པ་པོས་བོད་ལ་བཅིངས་པའི་བརྩེ་དུང་ཟབ་མོ་མཚོན།
ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་ཐའེ་ཀྲང་། ཀྲུང་གོའི་རྒྱལ་སྤྱིའི་གློག་བརྙན་ཆུང་གྲས་ཀྱི་མཛད་སྒོའི་ཀྲུའུ་ཞི་བང་ཧྥིན་ཉན་གྱིས་བསྟན་དོན། གློག་བརྙན་ཆུང་གྲས་ནི་འཚོ་བ་ལས་བྱུང་ཞིང་། སྤྱི་དམངས་ལ་ཕྱོགས་པ། འགན་འཁྲི་ཡོད་པའི་སྒྱུ་རྩལ་དང་། ལངས་ཕྱོགས་ཁྱབ་སྤེལ་དང་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་བཏང་བ། དྲང་བདེན་གྱི་རིན་ཐང་གི་ལས་འགན་ཡོད་ན་ད་གཟོད་གཞི་ནས་ཡུན་རིང་འཕེལ་རྒྱས་འགྲོ་ངེས།
དེ་མིན། ད་ཐེངས་ཀྱི་སྟོན་ཆེན་ཐོག་ད་རུང་གློག་བརྙན་ཆུང་གྲས་ཀྱི་བརྩམས་ཆོས་8ལ་ཕུལ་བྱུང་བྱ་དགའ་ཐོབ། བརྩམས་ཆོས་5ལ་སྒྲིག་འཛུགས་ཨུ་ལྷན་གྱིས་འོས་སྦྱོར་བྱ་དགའ་ཐོབ། བརྩམས་ཆོས་3ལ་ལྷེབ་རིགས་ཀྱི་གློག་བརྙན་ཆུང་གྲས་ཀྱི་བྱ་དགའ་ཐོབ།
བང་ཧྥིན་ཉན་གྱིས་ཕྱོགས་བསྡོམས་བྱས་པར། སྐབས་འདིའི་འགྲན་བསྡུར་གྱི་ཆེས་ཁྱད་ཆོས་ལྡན་པའི་ཆ་ནི། ལྷེབ་རིགས་ཀྱི་གློག་བརྙན་ཆུང་གྲས་ནི་སྤྱི་ཕན་གློག་བརྙན་བྱ་དགའ། ཚོང་ལས་གློག་བརྙན་དང་གྲོང་ཁྱེར་གྱི་ལྷེབ་རིགས་བཅས་གསུམ་ལ་བཀར་ཡོད། གློག་བརྙན་ཆུང་གྲས་ཀྱི་སྟོན་ཆེན་སྐབས་གསུམ་འཚོགས་མྱོང་། ལས་རིགས་ནང་གི་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱེད་པ་འདིས་གློག་བརྙན་ཆུང་གྲས་ཀྱི་བརྙན་ལེན་བརྗོད་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་ཅིང་། ཁྲོམ་ར་སྔར་བས་དར་རྒྱས་ཕྱིན་པ་རེད།