བྱམས་སྐྱོང་བྱེད་པ་སྟེ། ཁྱུང་མཆུ་རྫོང་གི་ལས་བཟོ་པའི་ཟ་ཁང་ལེགས་བསྐྲུན་ཟིན་པ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༤
 
    སྤྱི་ཟླ་10བའི་ཚེས་28ཉིན་། ཁྱུང་མཆུ་རྫོང་གི་ལས་བཟོ་པའི་ཟ་ཁང་སྐྲུན་ཚར་པ་མ་ཟད་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ་དང་། ལས་བྱེད་པ་དང་ལས་བཟོ་པར་དུས་ཡུན་རིང་པོའི་ནང་གཞུང་གི་ཟ་ཁང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་པ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ལས་བྱེད་པ་དང་ལས་བཟོ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དོན་ཐོག་ཏུ་འཁྱོལ་རྒྱུའི་ཆེད་དུ། ཁྱུང་མཆུ་རྫོང་གིས་ཕྱོགས་གང་ཅིའི་ཐད་ནས་གཅིག་གྱུར་བཀོད་སྒྲིག་འོག་མ་དངུལ་སྒོར་ཁྲི་500ལྷག་སྙོམ་སྒྲིག་བྱས་ནས་ལས་བཟོ་པའི་ཁྱིམ་ཞེས་པ་སྟེ།——ལས་བཟོ་པའི་ཟ་ཁང་དང་། ལུས་སྦྱོང་ཁང་། ལས་བཟོ་པའི་རོགས་སྐྱོར་ལྟེ་གནས། ལས་བཟོ་པའི་རིག་གནས་བྱ་འགུལ་ལྟེ་གནས། ལས་བཟོ་པའི་གསོ་སྦྱོང་ལྟེ་གནས། རོལ་རྩེད་ཁང་སོགས་འཛུགས་སྐྲུན་བྱས་ཡོད།