2016ལོའི་ཨ་རི་ཡི་ཕ་ས་ཏི་ནའི་ལོ་སར་གྱི་གཉེན་ཁྱོགས་ཁྲོམ་སྐོར་ལ་རྒྱ་སེ་མེ་ཏོག་གི་བཙུན་མོ་བདམས་ཐོན་བྱུང་།

ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༣
       སྤྱི་ཟླ་10པའི་ཚེས་22ཉིན་གྱི་དགོང་མོར།  ལོ་ན་བཅུ་བདུན་ལ་སོན་པའི་བུ་མོ་ཨེ་ལི་ཁ•ཁ་ལུང•དབུན་ཐའེ་རྒྱ་སེ་མེ་ཏོག་གི་སྲས་མོ་དྲུག་ལས་རྣམ་པར་རྒྱལ་ཏེ་2016ལོའི་ཨ་རིའི་ཕ་ས་ཏི་ནའི་ལོ་སར་གྱི་གཉེན་ཁྱོགས་ཁྲོམ་སྐོར་ལ་རྒྱ་སེའི་མེ་ཏོག་གི་བཙུན་མོར་བདམས་ཐོན་བྱུང་། ཁོང་དང་གཞན་བུ་མོ་དྲུག་པོ་དུས་མཉམ་ཏུ་སང་ལོའི་གནམ་ལོ་གསར་པར་འཚོག་པའི་ཕ་ས་ཏི་ན་རྒྱ་སེ་མེ་ཏོག་གི་གཉེན་ཁྱོགས་ཁྲོམ་སྐོར་གྱི་བྱེད་སྒོར་ཞུགས་རྒྱུ་རེད། 
       ལོ་རེ་ལ་ཐེངས་གཅིག་གི་རྒྱལ་སེ་མེ་ཏོག་རླངས་འཁོར་ཁྲོམ་སྐོར་གྱི་བྱེད་སྒོ་འདི་ནི་ཨ་རིའི་ཉུའུ་ཡོག་གི་སྐབས་བབ་ཚགས་པར་ཐང་ཆེན་གྱི་ལོ་སར་སྤྲོ་ཚོགས་མིན་པའི་ཨ་རིའི་རྒྱལ་ཁུངས་ཀྱི་གཞི་རྒྱ་ཆེ་བའི་བྱེད་སྒོ་ཞིག་ཏུ་བརྩི་བཞིན་ཡོད་ལ་སྐུ་མགྲོན་ཆེས་མང་བའི་ལོ་སར་གྱི་བྱེད་སྒོ་ཞིག་ཀྱང་ཡིན། །