ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ནུབ་རྒྱུད་ས་ཁུལ་གྱི་མནའ་མཐུན་ལས་ཀའི་སྐོར་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་ཁྲེན་ཏུའུ་རུ་འཚོགས།
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༢

ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ནུབ་རྒྱུད་ས་ཁུལ་གྱི་ལས་ཀའི་ཚོགས་འདུ་ནི་ལོ་རེར་ཐེངས་རེ་གཉེར་ཞིང་། ད་ལོའི་ཚོགས་འདུ་ནི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱིས་སྒྲུབ་འགན་ཁུར། ཉིན་གཉིས་ཀྱི་ཚོགས་ཡུན་དུ། ཚོགས་ཞུགས་མི་སྣས་ལས་ཁུངས་འཛུགས་སྐྱོང་གི་བརྗོད་བྱ་གཙོ་བོ་འདི་ལ་དམིགས་ནས་ཉམས་མྱོང་སྤེལ་རེས་དང་ལས་སྒོ་གྲོས་བསྡུར་སྤེལ་པ་མ་ཟད། ཁྲེན་ཏུའུ་དང་མེན་དབྱང་སོགས་སུ་བསྐྱོད་དེ་དེའི་ཁོངས་མིའི་སློབ་གསོ་རྟེན་གཞི་དང་གནོད་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས། ཚན་རྩལ་གྲོང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་མངགས་བཅོལ་བྱས་པ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པོ་ཧྭ་ཡིས་ཤིས་ཚིག་ནང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཚབ་བྱས་ཏེ་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས།