གེ་སར་གནམ་གྲུ་ཐང་གི་ཞབས་ཞུའི་ལས་རིགས་གཅིག་བསྡུས་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༨

ཚོགས་འདུའི་ཐོག ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུ་ཉིན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་རྗེས་མའི་ལས་དོན་སྐོར་ནན་བཤད་གནང་དོན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་དང་། འབྲེལ་ཡོད་རྫོང་སྲིད་གཞུང་། འཆར་འགོད་ཇུས་འགོད་སྡེ་ཁག་གིས་རྣམ་གྲངས་ཀྱི་སྐུལ་འདེད་དང་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་དགོས་པའི་བླང་བྱ་བཏོན་པ་དང་། རང་རང་སོ་སོའི་ལས་ཀའི་འགན་ནུས་གཞིར་བཟུང་སྟེ། སྔར་ལས་ལྷག་པར་བསམ་གཞིགས་ཁ་གསལ་བཟོ་བ་དང་། ཧུར་ཐག་སྒོས་གཞོགས་འདེགས་ཡག་པོ་སྤེལ་རྒྱུ་དང་། སྔ་ས་ནས་སྐུལ་སྤེལ་གྱི་ལས་དོན་ཁག་ཡག་པོར་སྒྲུབ་པ་དང་དམ་པོར་སྒྲུབ་དགོས། ད་རེས་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་པ་དེས་གེ་སར་གནམ་གྲུ་ཐང་དང་དེ་བཞིན་ཞབས་ཞུའི་ལས་རིགས་གཅིག་བསྡུས་ཁུལ་གྱི་འཛུགས་སྐྲུན་དེ་མྱུར་ལམ་དུ་བསྐྱོད་པ་མཚོན།
ཞིང་ཆེན་ཚོང་དོན་ཐིང་དང་། ཞིང་ཆེན་མ་འཇོག་སྐུལ་སྤེལ་ཅུས། ཞིང་ཆེན་འགག་སྒོ་དང་ཟོག་འགྲེམས་གཞུང་ལས་ཁང་གི་འགོ་ཁྲིད་དང་། འབྲེལ་ཡོད་ཆེད་མཁས་པ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་སོགས་ཚོགས་འདུར་ཞུགས། །