འབའ་ཐང་། ལས་ཞུགས་དབུལ་སྐྱོར་ཐེམ་སྐས་ཐོག་སླེབས་པ་དང་། གནད་འཕིགས་དབུལ་སྐྱོར་ཕན་འབྲས་དངོས་ཐོན་པ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༨

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུ་ནི་ཧྲོང་ལིའུ་རོགས་སྐྲུན་བཀོད་འདོམས་པུའུ་ཡིས་ཧུར་ཐག་སྒོས་འབྲེལ་མཐུད་དང་མཐུན་སྦྱོར་བྱས་པ་ཡིན་ལ། འབའ་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དེས་ནུས་ཤུགས་ཡོད་རྒུས་3+10ཞེས་པའི་ཡི་དབུལ་སྐྱོར་འགག་སྒྲོལ་གྱི་སྡེབ་སྒྲིག་ཁུ་ཚུར་རྒྱག་པ་དང་། སྐོར་གཅིག་ཁག་ལྔའི་དབུལ་སྐྱོར་འགག་སྒྲོལ་གྱི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། དོན་ངོ་མའི་ཐོག་ནས་དབུལ་སྐྱོར་གསར་སྤེལ་གྱི་གནད་འཕིགས་དྲུག་སྒྲུབ་ཐུབ་པ་བྱུང་།