ཧུང་ཡོན་རྫོང་གི་སྤྱིལ་ཁྱིམ་ཁུལ་དུ་ཁང་པ་265ཡི་སྒྱུར་བཀོད་ལས་འགོ་ཚུགས།
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༨

2014ལོར་སྤྱིལ་ཁྱིམ་སྒྱུར་བཀོད་བྱས་པ་ནས་བཟུང་། ཁྱུང་མཆུ་རྫོང་གིས་དུས་རབས་གོང་མའི་ལོ་རབས་60པར་བསྐྲུན་པའི་ཁྱུང་མཆུ་གྲོང་རྡལ་རུའེ་ཆིང་སྡེ་ཁུལ་གྱི་ཁང་པའི་སྤུས་ཚད་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་མེད་པ། འགྲིམ་འགྲུལ་ཤར་གཏོང་མི་ཐུབ་པ། མེ་གསོད་ཀྱི་མངོན་མེད་རྐྱེན་ངན་ཆེ་བ། ཁོར་ཡུག་བཙོག་ཟིང་ཞན་གསུམ་དང་། འཚོ་སྡོད་བྱེད་པར་མི་འཚམ་པའི་གཅིག་བསྡུས་ཡུག་སྦྲེལ་གྱི་ཁང་པ་དང་། སྟབས་བདེ་ཉེན་ཡོད་ཐོག་ཁང་ཁུལ་གཙོ་གནད་དུ་བཟུང་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ནང་ཞུགས་ཀྱི་བྱེད་སྟངས་སྤྱད་དེ་བསྒྱུར་བཀོད་བཏང་། བསྡུ་ལེན་སྐྱིན་གསབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཕྱིར་གནས་སྤོས་བྱ་རྒྱུའི་ཁང་པའི་བཀོད་སྒྲིག་གི་བཟོ་དབྱིབས་དང་། རྒྱ་ཁྱོན་གྱི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྡོད་ས་ཡོད་པ་དང་སྡོད་ས་བཟང་བ། གནས་སྡོད་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།