ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༢༠
སྤྱི་ཟླ་10པའི་ཚེས་15ཉིན། མཐོ་སྒང་གི་གནམ་གཤིས་གྲང་བར་འགྱུར་བ་དང་བསྟུན་ནས་ཡུལ་སྐོར་བ་ཇེ་ཉུང་དུ་སོང་ཞིང་། ལི་ཐང་རྫོང་དཔོན་སྐོར་ཤང་ཁ་ཤུས་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་པེན་གྱིས་གྲོང་སྡེ་ཨུ་ལྷན་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་བསྡུས་ནས། སང་ལོར་ཇི་ལྟར་བྱས་ཏེ་ས་གནས་དེ་གའི་ཧོ་ཆུ་བཀྲ་ཤིས་འབྲོག་ར་ཇེ་ཆེར་གཏོང་བ་དང་། ཆེད་ལས་མཉམ་ལས་ཁང་སྟོབས་ཆེར་གཏོང་དགོས་པའི་ཇུས་འགོད་བྱེད་འགོ་བརྩམས། ལོ་མང་པོའི་སྔོན་ལ། གྲོང་སྡེ་དེ་ལ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་མེད་ལ། དོ་དམ་རྙོག་འཛིང་ཆེ་བ། ཁྲིམས་འགལ་ལུགས་དཀྲུག་གི་དོན་རྐྱེན་རྒྱུན་དུ་བྱུང་ནས།གནད་དོན་མང་བའི་གྲོང་ཚོ་དཔེ་མཚོན་ཅན་ཞིག་ཡིན། ལོ་ངོ་གཉིས་རིང་འབད་བརྩོན་བྱས་པར་བརྒྱུད། ཡང་བསྐྱར་གྲོང་སྡེ་འདི་ནས། གྲོང་སྡེ་རིམ་པའི་ཨུ་ལྷན་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་འཐབ་ཤུགས་མངོན་གསལ་ཐོན་པས། དེང་རབས་འབྲོག་ར་བསྐྲུན་པ་དང་། མ་ཁ་འདེབས་འཛུགས་གོང་སྤེལ་བཏང་ནས། གོམ་པ་རེ་རེ་བཞིན་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེའི་ཕྱོགས་སུ་སྐྱོད་བཞིན་ཡོད།།