སྟོན་དུས་ཀྱི་ཧྲུའུ་ཨར། འཆར་ཡན་གྱི་སྨུག་རྩྭ།
ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༦

བད་ནག་རྗེས་ཀྱི་སྟོན་ཆར་ཞིག་གིས་བྱང་ཁོ་རེ་ཡའི་སེ་འུལ་གྱི་སྟོན་མཇུག་གི་འགོ་དངོས་སུ་ཚུགས་པ་མཚོན་ཡོད། དྲོད་ཚད་དམའ་རུ་ཕྱིན་པ་དང་ལོ་མ་གཅིག་རྗེས་གཉིས་མཐུད་དུ་སར་ལྷུང་། ལོ་གཅིག་དུས་གཅིག་གི་ཧྲུའུ་ཨར་སྨུག་རྩྭའི་རྟེན་འབྲེལ་མཛད་སྒོ་དེ་ཡང་སྟོན་མཇུག་གི་དུས་ཚིགས་སུ་དུས་ཐོག་ཏུ་ཐོན་ཡོང་།

སེ་འུལ་སྨུག་རྩྭའི་རྟེན་འབྲེལ་མཛད་སྒོ་ནི་སེ་འུལ་གྱི་ཚབ་མཚོན་རང་བཞིན་ཆེས་ཆེར་ལྡན་པའི་སྟོན་དུས་ཀྱི་རྟེན་འབྲེལ་བྱེད་སྒོ་ཞིག་ཡིན། 2002ལོ་ནས་བཟུང་། ད་ལྟའི་བར་དུ་ལོ་ངོ་14ཡི་ལོ་རྒྱུས་ལྡན། ལོ་ལྟར་ཟླ་བཅུ་པའི་ཟླ་དཀྱིལ་དུ་གྲོང་མི་མང་པོ་གཅིག་རྗེས་གཉིས་མཐུད་ངང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ནམ་མཁའ་སྤྱི་གླིང་དུ་ཕེབས་ནས། རི་མགོར་གང་བའི་སྨུག་རྩྭའི་བརྗིད་ཆགས་རྣམ་པར་གཟིགས་པ་རེད། ད་ལོའི་སེ་འུལ་གྱི་སྨུག་རྩྭའི་རྟེན་འབྲེལ་མཛད་སྒོ་ནི་ཟླ་10པའི་ཚེས་10ཉིན་འགོ་ཚུགས་པ་དང་། བསྡོམས་པས་ཉིན་8ལ་རྒྱུན་མཐུད་བྱས་ཡོད།
