ཡོང་ཁུངས།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༨
གསར་འགོད་པས་ཟླ་10 ཚེས་7 ཉིན་ཁྲེན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་། ཁྲེན་ཏུའུ་ལྕགས་ལམ་ཅུས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་ཆ་སྙོམས་སྐར་མ་1.7གྱི་ནང་གནམ་གྲུ་རེ་མར་འབབ་པ་དང་གནམ་གྲུ་རེ་ཡར་འཕུར། ཁྲེན་ཏུའུ་ལྕགས་ལམ་ཅུས་ཀྱིས་ཉིན་གཅིག་གི་འགྲུལ་བསྐྱེལ་མི་གྲངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་མྱུར་བགྲོད་གཞུང་ལམ་དྲ་བའི་ཐོག་ཉིན་རེའི་རླངས་འཁོར་གཏོང་ཚད་ཁྲི་240ལ་ཟིན་ལ། ཕྱིར་སྐྱོད་ཀྱི་སྟུག་ཚད་2015 ལོའི་ལོ་གསར་སྐྱེལ་འདྲེན་ལས་མཐོ་ཟིན།