རྔ་བ་ཁུལ་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་དངོས་སུ་འགོ་ཚུགས།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༧ ཚེས་ ༢༡

སྤྱི་ཟླ་7པའི་ཚེས་19ཉིན་གྱི་སྔ་དྲོ། རྔ་བ་ཁུལ་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་མའོ་རྫོང་ནས་དངོས་སུ་འགོ་ཚུགས། ཕྱི་དྲོའི་འགྲན་སྡུར་ཁྲོད་འགྲན་ཞུགས་ལུས་རྩལ་པ་རྣམས་ཀྱིས་ནུས་རྩལ་ཡོད་དགུ་བཏོན་ནས་གྲུབ་འབྲས་ཡག་པོ་བླངས།