ཧྲི་ཞའོ་ལིན་གྱིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༧

ཟླ་11པའི་ཚེས་13ནས་14ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་གྱིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། ངེས་པར་དུ་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཕེལ་རྒྱས་དམིགས་ཚད་ལས་འགན་ལ་དམིགས་ནས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་འཕེལ་རྒྱས་དམ་འཛིན། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་འགན་ལེན་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་ཡུན་རིང་བདེ་འཁོད་དང་ཐུན་མོང་ཕྱུག་འགྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཡོང་རྒྱུར་འབད་བརྩོན་ཆེན་པོ་བྱ་དགོས་པ་ནན་གྱིས་བསྟན།

ཧྲི་ཞའོ་ལིན་ཁྲོ་ཆུ་རྫོང་དང་མའོ་རྫོང་། ཝུན་ཁྲོན་རྫོང་བཅས་སུ་ཕེབས་ནས། ཐོན་ལས་གོང་འཕེལ་དང་ལས་གཞི་འཛུགས་སྐྲུན། རིག་གནས་ཡུལ་སྐོར་མཉམ་འདྲེས། སྤྱི་བའི་ཞབས་ཞུ། གནོད་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་པ་མ་ཟད། ཡུལ་དངོས་སུ་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་མཁན་དང་གནོད་འཚེ་སྔོན་འགོག་ལས་ཀ་སྒྲུབ་མཁན་ཚོར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རྔ་བ་ཁུལ་ནི་བོད་ལྗོངས་བརྟན་ལྷིང་ཡོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་འགན་འཁྲི་དམིགས་བསལ་ཅན་འཁུར་བཞིན་ཡོད་པས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འགན་འཁྲི་འཁུར་སེམས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གསར་པ་དང་ལེགས་པའི་ཕྱོགས་སུ་སྐྱོད་པ་དང་མགྱོགས་པོ་བྱེད་ཐུབ་ཚེ་མགྱོགས་པོ་བྱེད་པ་མཐའ་འཁྱོངས་ཀྱིས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་ནུས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་འདེགས་སྐྱོར་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གསོག་འཇོག་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་། ཆུ་ཚད་མཐོན་པོས་སྲུང་སྐྱོབ་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས། ནུས་པ་ལྡན་པས་དོ་དམ། སྤུས་ཀ་བཟང་བས་འཚོ་བ་བཅས་མཐུན་སྦྱོར་ངང་སྤེལ་ཤུགས་ཇེ་ཆེར་བཏང་སྟེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་བ་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།

ཧྲི་ཞའོ་ལིན་གྱིས་ཐོན་ཁུངས་བསྒྱུར་བཀོད་ལེགས་སྒྱུར་བྱེད་པ་གཙོ་གནད་དུ་འཛིན་དགོས།ནུས་ཁུངས་གཙང་མ་དང་གཏེར་ཁའི་ཐོན་ཁུངས།ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སོགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཤར་ནུབ་རྒྱུད་རོགས་རེས་དང་ས་ཁོངས་བརྒལ་བའི་མཉམ་འབྲེལ་ཁེ་ཕན་བགོ་བཤའ་རྒྱག་པ་སོགས་ཀྱི་ལམ་སྲོལ་བཟང་པོ་སྤྱད་དེ། ཁེ་ལས་ཕུལ་བྱུང་ནང་འདྲེན་དང་སྐྱེད་སྲིང་། ཐོན་ལས་སྐྱེ་ཁམས་འཐུས་ཚང་དུ་གཏོང་བ། ནུས་ཁུངས་ཟད་གྲོན་སྒྱུར་སྤྲོད་བྱེད་ནུས་མཐོར་འདེགས་གཏོང་བ། གཏེར་ཁ་སྔོག་འདོན་བཀོལ་སྤྱོད་བྱེད་ཚད་ཇེ་ལེགས་གཏོང་བ། ཞིང་ལས་དེང་རབས་ཅན་དང་གྲངས་འཛིན་ཅན། ཕྱུགས་ལས་རིག་ནུས་ཅན་སོགས་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། ཞིང་པ་དུད་ཚང་དང་ཚོང་མགྲོན་དབར་འབྲེལ་བ་དམ་ཟབ་འཛུགས་པ་དང་དོ་དམ་བྱེད་སྟངས་ཚད་ལྡན་བཟོས་ནས། སྟེགས་བུས་ཁྲིད་སྟོན་དང་ནུས་པ་འདོན་སྤེལ་བྱས་པ་བརྒྱུད་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོ་དང་འཛད་སྤྱོད་རྒྱ་སྐྱེད་གཏོང་བར་རོགས་རམ་བྱེད་པ། རོང་འབྲོག་པ་རྒྱུན་མཐུད་བརྟན་འཇགས་སྒོས་ཡོང་འབབ་འཕར་སྣོན་འབྱུང་བར་ཕན་པ་ཆེན་པོ་བསྐྲུན་དགོས། མཐའ་མཚམས་སྲུང་བ་དང་ཉེན་ཁ་འགོག་སྲུང་ཐད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བདེ་འཇགས་ཁག་ཐེག་བྱ་དགོས། རི་ཆུ་ནགས་གསུམ་རྩྭ་ཐང་བྱེ་ཐང་མཚེའུ་བཅས་གཞི་གཅིག་ཏུ་སྲུང་སྐྱོབ་དང་མ་ལག་རང་བཞིན་གྱི་བདག་སྐྱོང་བྱ་བ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གླིང་ཁུལ་གྱི་བཟོ་ལས་རྣམ་གྲངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ། སྔོན་ཚུད་ནས་དོགས་ཟོན་བྱས་ནས་གཞི་རིམ་ས་གཤིས་གནོད་འཚེ་དང་ས་ཡོམ་ནགས་ཚལ་མེ་སྐྱོན་སོགས་སྔོན་འགོག་བྱེད་ཐབས་ཞིབ་ཕྲ་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་ཆ་ཚང་ཞིག་བསྐྲུན་པ། ཁས་ལེན་གཙོ་འགན་བྱེད་པའི་ལས་དོན་ཏན་ཏིག་ངང་བསྒྲུབ་པ། ས་གཤིས་གནོད་འཚེ་འཕྲལ་བསྟུན་ཐག་གཅོད་དང་རྗེས་མཐུད་ཉམས་གསོ་དུས་ཡུན་རིང་བོར་བདེ་འཇགས་ཡིན་པ་བཅས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་གནོད་འཚེ་འགོག་པ་དང་གནོད་འཚེ་སེལ་བའི་ནུས་པ་གོང་མཐོར་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བདེ་འཇགས་དོ་དམ་སོགས་ཀྱི་ལས་དོན་ནན་ཏན་གྱིས་བསྒྲུབ་པ་དང་དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་བྱ་དགོས། རྒྱང་སྐྱོད་སྙིང་སྟོབས་རླབས་པོ་ཆེ་དང་ས་ཡོམ་རྒུད་སྐྱོབ་སྙིང་སྟོབས་དར་སྤེལ་བཏང་སྟེ། དོན་དངོས་གཉེར་བའི་སྤྱོད་ཚུལ་བཟང་པོའི་ཐོག་ནས་ལོ་འཁོར་མོའི་དམིགས་ཡུལ་ལེགས་འགྲུབ་འབྱུང་བ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ལེགས་པོ་རྩོམ་པ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཧུའུ་ཡོན་ཁུན་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་རྔ་བ་ཁུལ་གྱི་འགན་འཁུར་བློ་མཐུན་སོགས་རྟོག་ཞིབ་ཁྲོད་དུ་ཞུགས་ཡོད་པ་རེད།