ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཁྲེང་ཏུའུ་རུ་སྙན་སྒྲོན་ཚོགས་འདུ་འཚོགས།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༢

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཁྲེང་ཏུའུ་རུ་སྙན་སྒྲོན་ཚོགས་འདུ་འཚོགས་ཤིང་། ཞེ་ཁྲུན་ཐའོ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་ཝང་ཞའོ་ཧུའེ་ཡིས་གཙོ་སྐྱོང་གནང་ལ། ཧྲི་ཞའོ་ལིན་དང་ཐེན་ཞང་ལི་བཅས་ཚོགས་འདུར་ཞུགས་ཡོད།

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་11ཚེས་10ཉིན་གྱི་ཕྱི་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཁྲེང་ཏུའུ་རུ་སྙན་ཞུ་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་)ཡི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་གྱི་སློབ་སྤྱི་གཞོན་པ(ཡོན་ཀྲང་གཞོན་པ་)ཞེ་ཁྲུན་ཐའོ་ཡིས་སྙན་སྒྲོན་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་སྙན་ཞུ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་བཅས་ཚོགས་ཞུགས་གནང་།

སྙན་ཞུ་ཚོགས་འདུའི་ཐོག ཞེ་ཁྲུན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚོགས་འདུའི་གཏན་འབེབས་ལ་དམ་པོར་དམིགས་ཏེ། ཚོགས་འདུའི་གཞི་རྩའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པར་ཐོབ་པའི་གྲུབ་འབྲས་རླབས་ཆེན་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་འཛིན་པའི་དོན་སྙིང་ཆེན་པོ་གཏིང་ཟབ་མོར་འགྲེལ་བཤད་བརྒྱབ་པ་མ་ཟད། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་གལ་ཆེའི་རང་བཞིན་ཛ་དྲག་པོ་དང་། མཛུབ་སྟོན་བསམ་བློ་དང་རྩ་དོན། འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་སོགས་ལ་གོ་བ་ཟབ་མོ་བླངས་ཡོད་ལ། དེ་བཞིན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་ཕྱོགས་ཐད་ངོས་འཛིན་དང་མྱོང་ཚོར་ཡང་གླེང་ཡོད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་དུས་སྐབས་གནད་འགག་ཆེ་སར་སྐོང་འཚོག་བྱས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན། ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པ་དེས། རང་རེའི་ཏང་གིས་རང་ངོས་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རིག་པ་དྭངས་གསལ་དང་ཆོད་སེམས་བརྟན་པོ་བཅངས་པ་གང་ལེགས་མཚོན་པ་དང་། མི་དམངས་དང་ཏང་གཉིས་ཀས་སླར་ཡང་སྟོབས་ལྡན་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་དབང་བརྩོན་ལེན་བྱེད་པའི་ཡིད་ཆེས་བརྟན་པོ་དང་མདུན་སྐྱོད་ཀྱི་རྣམ་པ་མངོན་པར་མཚོན་པས་ངེས་པར་དུ་ཏང་གི་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་ཞེས་བསྟན་ཡོད། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། 《གཏན་འབེབས》ནང་བཀོད་པའི་ཐབས་ཇུས་གལ་ཆེན་དང་། འོས་འགན་གལ་ཆེན། ལས་ཀ་གཙོ་བོ་བཅས་ལ་དམིགས་པ་གཏད་དེ། དོན་དངོས་དང་ཟུང་འབྲེལ་གྱིས་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་གཏོང་བ་བཅས་ཀྱི་གནས་བབ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉེར་གཅིག་པ་བདེ་བླག་ངང་འཚོག་ཐུབ་པར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

ཝང་ཞའོ་ཧུའེ་ཡིས་གསུངས་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སི་ཁྲོན་དུ་ཕེབས་ནས་སྒྲོག་འགྲེལ་སྤེལ་བའི་གོ་སྐབས་འདི་བེད་སྤྱད་དེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ལེགས་པོ་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་སྲིད་ཇུས་ཆེན་མོ་དང་ཐག་གཅོད་བཀོད་སྒྲིག་གལ་ཆེན་ཕྱོགས་སུ་བསྒྱུར་ཐུབ་པ་བྱུང་སྟེ། སྔར་བས་ཀྱང་ཚོགས་འདུའི་དགོངས་དོན་གྱིས་ཁྲིད་སྟོན་འོག་སི་ཁྲོན་ཞིང་ཆེན་ཡོངས་སུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལག་ལེན་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ། སློབ་སྦྱོང་ཐད་ནས་གཏིང་ཚད་ཇེ་ཟབ་ཏུ་བཏང་སྟེ་སྦྱངས་པ་གོ་ཆོད་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་མི་སྣ་ཨང་དང་པོ་ཚོས་སྣེ་ཁྲིད་བཟང་པོ་བྱས་ཏེ། ཏང་ཡོན་ལས་བྱེད་པར་ཚོགས་འདུའི་དགོངས་དོན་ཡང་དག་པར་རྟོགས་པར་རོགས་རམ་བྱས་ནས། “གཏན་ཁེལ་གཉིས”ཀྱི་དོན་སྙིང་རླབས་པོ་ཆེ་རྟོགས་པ་གཏིང་ཟབ་ཏུ་སྤེལ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཅིང་། རང་རེའི་ཞིང་ཆེན་གྱི་ཏང་འཛུགས་སྐྲུན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་སྟོན་མཛད་པའི་ཁ་ཕྱོགས་དེད་ནས་མདུན་བསྐྱོད་བརྟན་པོ་ཡོང་བ་ཁག་ཐེག་བྱེད་དགོས། དྲིལ་བསྒྲགས་ཐད་ནས་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ། མི་སེམས་སུ་ཟུག་པར་འབད་དགོས། གསར་འགྱུར་འཕྲིན་སྦྱོར་སྣ་ཚོགས་མཐུན་སྦྱོར་བྱས་ཏེ་ཁྱོན་ཡོངས་དང་ཟུར་མང་པོ་ནས་ཁྱབ་བསྒྲགས་བྱེད་པ་དང་། སྒྲོག་འགྲེལ་ཚོགས་པ་ལས་ཁུངས་དང་ཁེ་ལས། སློབ་གྲྭ་ཆུང་འབྲིང་། གྲོང་སྡེ་དང་སྡོད་ཁུལ་སོགས་སུ་མངགས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ཚོགས་འདུའི་དགོངས་དོན་གསལ་བཤད་གནད་འཁེལ་དང་ཡང་དག་པ་བྱས་ནས་ཞིང་ཆེན་ཡོངས་སུ་ཁོར་ཡུག་བཟང་པོ་བསྐྲུན་དགོས། ལག་བསྟར་ཐད་ནས་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཕན་འབྲས་དངོས་སུ་ཐོན་པ་དོན་གཉེར་བྱེད་དགོས། ཞིང་ཆེན་ཡོངས་ཀྱིས་རྒྱུན་མཐུད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱ་ཐབས་ཞིབ་ཕྲ་ཇུས་འགོད་ཞིབ་ཚགས་བྱེད་པ་དང་ཆབས་ཅིག ད་ལྟའི་བྱ་བ་ལེགས་འགྲུབ་འབྱུང་བ་དང་ཟུང་སྦྲེལ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཡུལ་འགན་འཁྲི་འགྲུབ་གང་ཐུབ་བྱེད་པ་དང་དུས་མཚུངས་སུ།"ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་"འགོ་རྩོམ་ཚུལ་ལེགས་པོ་འབྱུང་བར་འབད་བརྩོན་བྱེད་དགོས།

སྙན་ཞུ་ཚོགས་འདུ་བརྙན་འཕྲིན་ཁ་པར་བརྒྱུད་ནས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོ་སོར་ཡན་ལག་ཚོགས་རྭ་བཙུགས་ཡོད། ཁྲིན་ཏུར་བཞུགས་པའི་འབྲེལ་ཡོད་ཞིང་ཆེན་རིམ་པའི་དམག་མི་རྒན་པ་དང་ཞིང་ཆེན་རིམ་པ་ཡན་གྱི་ལས་འཁྱུར་ངལ་གསོ་ཞུས་པའི་བློ་མཐུན་སྐུ་ཚབ་རྣམས། ཁྲིན་ཏུར་བཞུགས་པའི་ཏང་གི་འཐུས་མི་དང་ཞིང་ཆེན་ཏང་ཨུའི་ཨུ་ཡོན། རྗེས་སྣོན་ཨུ་ཡོན། ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོ་དང་ཁྲིན་ཏུར་བཅའ་སྡོད་བྱས་པའི་ཀྲུང་དབྱང་ཁོངས་གཏོགས་སྡེ་ཚན་དང་ཞིང་ཆེན་ཁོངས་གཏོགས་ཚན་རིག་ཞིབ་འཇུག་ཚན་པ། སློབ་གྲྭ་ཆེན་མོ། གཞུང་དབང་ཁེ་ལས་བཅས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་འགན་ཁུར་བློ་མཐུན། དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཏང་ཨུའི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་སྐུ་ཚབ། དེ་མིན་འབྲེལ་ཡོད་ཕྱོགས་ཁག་གི་སྐུ་ཚབ་སོགས་ཚོགས་འདུར་ཞུགས་པ་རེད།

ཚེས་10ཉིན་གྱི་སྔ་དྲོར། ཞེ་ཁྲུན་ཐའོ་ཁྲེན་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུའུ་ཐང་ཁྲང་གྲོང་རྡལ་ཀྲན་ཇི་སྡེ་བ་རུ་ཕེབས་ནས་སྒྲོག་འགྲེལ་མཛད་པ་མ་ཟད། གཞི་རིམ་མང་ཚོགས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།