མཱ་སི་ཁེ་ཡིས་ཀྲུང་གོ་ཡག་པོ་འདུག །ང་ཀྲུང་གོར་དགའ་ཟེར།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༡

“ཀྲུང་གོ་ཡག་པོ་འདུག ང་ཀྲུང་གོར་དགའ།” ཨ་རིའི་ཁེ་ལས་མཁས་ཅན་གློག་སྒུལ་རླངས་འཁོར་བཟོ་མཁན་ཐེ་སི་ལཱ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨའེ་ལུང་·མཱ་སི་ཁེ་ཡིས་དྲ་ཐོག་ནས་ཚོང་ལས་དངུལ་འཇོག་གྲོས་བསྡུར་ཚོགས་འདུ་ཞིག་ལ་ཞུགས་སྐབས། ཁོང་གིས་ཀྲུང་གོར་བཅངས་པའི་དགའ་ཞེན་སླར་ཡང་མཚོན་པར་བྱས་པ་རེད།

པཱ་ལུན་མ་རྩ་ཚོགས་པས་གཙོ་གཉེར་བྱས་པའི་ལོ་འཁོར་གྱི་ཚོང་ལས་དངུལ་འཇོག་གྲོས་བསྡུར་ཚོགས་འདུའི་ཐོག མཱ་སི་ཁེ་ཡིས་ཐེ་སི་ལཱ་ནས་ཀྲུང་གོར་གཉེར་སྐྱོང་དང་དངུལ་འཇོག་བྱས་ཚུལ་སྐོར་གླེང་བ་དང་། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱི་འཕེལ་རྒྱས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་གོང་གསལ་གྱི་དཔྱད་གཏམ་ཡང་སྤེལ་བ་རེད། ཁོང་གིས་ཀྲུང་གོར་ཡུལ་སྐོར་དུ་བསྐྱོད་པས་“མི་སེམས་འགུལ་རུང་བ་ཞིག་རེད་ཅེས་བརྗོད།

ད་ལོའི་ཟླ་8པར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་Xཐོག ཀྲུང་གོར་ཡོད་པའི་ཐེ་སི་ལཱའི་ལས་སྒོར་གྲོས་བསྡུར་བྱེད་པའི་སྦྱར་ཡིག་འོག་ཏུ་མཱ་སི་ཁེ་ཡིས། “ཀྲུང་གོ་ཧ་ཅང་ཡག་པོ་འདུག ངས་ཚང་མར་ལྟ་བར་འགྲོ་རྒྱུའི་འོས་སྦྱོར་ནན་པོར་བྱེད་ཀྱི་ཡོད་”ཅེས་བྲིས་ཡོད།

མཱ་སི་ཁེའི་ཨ་མ་མའེ་ཡའེ་·མཱ་སི་ཁེས་དེ་རྗེས་མཱ་སི་ཁེའི་རྩོམ་ཡིག་དེ་དྲངས་ནས་“ང་མོས་མཐུན་ཡོད། གྲོང་ཁྱེར་ཚང་མར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཡོད་པ་དང་། རིག་གནས་མཛེས་ལྗོངས་མི་འདྲ་བར་ལྟ་སྐོར་བྱས་ཆོག་པ་དང་། འཛུགས་སྐྲུན་དངོས་པོ་དང་ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ། སྲུང་སྐྱོང་ཡག་པོ་ཡོད་པ་བཅས་དང་ཆབས་ཅིག་མི་རྣམས་གུས་ཞབས་ལྡན་པ་དང་། ལས་ལ་བརྩོན་པ། གཞན་ལ་བརྩི་འཇོག་ཆེ་བ་བཅས་འདུག ང་ལ་བདེ་འཇགས་ཀྱི་ཚོར་སྣང་ཡོང་གིན་འདུག་པས། ཀྲུང་གོར་(ཡུལ་སྐོར་)འགྲོ་རྒྱུར་ཧ་ཅང་དགའ་པོ་ཡོད་”ཅེས་བྲིས་ཡོད།