དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཧུང་ཧྲོའུ་རྣམ་གཉིས་ཀྱིས་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་སུ་རྟོག་ཞིབ་གནང་།
ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་27པ་སླེབས་པའི་སྐབས་སུ། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་རྣམ་གཉིས་ཀྱིས་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་སུ་རྟོག་ཞིབ་གནང་བ་དང་འབྲེལ། གསར་འགྱུར་ལས་སྒྲུབ་པ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་གནང་ཞིང་། ཏང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་གནང་། ཀྲའོ་པོ་ཡིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་ཤིང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་མངོན་གསལ་དོད་དུ་གཏོང་བ་དང་། གླེང་ཕྱོགས་ཁྲིད་སྟོན་ཡང་དག་པ། རིན་ཐང་ལྟ་བ་ཡང་དག་པ་བཅས་མཐའ་འཁྱོངས་ཏེ། འཕྲིན་སྦྱོར་གཙོ་བོ་མ་ལག་རང་བཞིན་གྱིས་བསྒྱུར་བཅོས་མགྱོགས་སུ་བཏང་སྟེ། དཀར་མཛེས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཐད་བསམ་བློ་གཅིག་གྱུར་ཡོང་བ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བར་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་གསུངས།

ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཁུལ་གཏོང་སྦྱོར་ལྟེ་གནས་འཕྲིན་སྦྱོར་ཀུན་འདུས་རྩོམ་སྒྲིག་ཁང་དུ་གསར་འགྱུར་རྩོམ་སྒྲིག་དང་། ལེ་ཚན་བཟོ་སྐྲུན། སྒྲིག་ཆས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་རྣམ་གཉིས་དཀར་མཛེས་ཁུལ་གཏོང་སྦྱོང་ལྟེ་གནས་སུ་ཕེབས་ནས་ཚང་མར་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་གྱི་འཚམས་འདྲི་གནང་བ་དང་། 《ཁ་བརྡ་དུས་ཚོད》ལེ་ཚན་ཚོ་ཆུང་དང་འཕྲིན་སྦྱོར་ཀུན་འདུས་གསར་འགྱུར་བཀོད་འདོམས་ཁང་དུ་ཕེབས་ཏེ་གསར་འགོད་པ་དང་རྩོམ་སྒྲིག་པ། མདོ་འཛིན་པ་བཅས་ལ་སྐུ་དངོས་ཀྱིས་གཏམ་བཤད་སྤེལ་རེས་གནང་བ་དང་། གངས་དཀར་པོ་ལེ་ཚན་གྱི་ཁུལ་དང་རྫོང་གི་མཉམ་འདྲེས་འཕྲིན་སྦྱོར་གྱི་འཁོར་སྐྱོད་གནས་ཚུལ་དང་། གངས་དཀརAIའཕྲུལ་ཤེས་སྟེགས་བུ་འཛུགས་སྐྲུན། བརྗོད་དོན་གཙོ་གནད་ཀྱི་སྙན་སེང་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཀྲའོ་པོ་ཡིས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཞབས་འདེགས་ཞུས་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་གསར་འགྱུར་འཕྲིན་སྦྱོར་གྱིས་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ཏེ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དམ་འཛིན་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་སྒྲོག་འགྲེལ་བཤད་གཏིང་ཟབ་ཏུ་བཏང་སྟེ། གླེང་ཕྱོགས་ཁྲིད་སྟོན་ལས་ཀ་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་པར་བསྐྱོད་ཐུབ་པར་འགན་ལེན་བྱ་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་དགོས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་བ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཇུས་འགོད་ཞིབ་ཚགས་སྒོས་དྲིལ་སྒྲོག་སྤེལ་བ་དང་འཆད་འགྲེལ་བྱེད་སྒོ་གསར་པ་སྤེལ་ཞིང་། ཏང་དང་སྲིད་གཞུང་གི་གཏམ་སྙན་གནད་སྨིན་བརྒྱུད་སྤྲོད་བྱས་ཏེ། ཚོགས་ཆེན་གྱི་སྙིང་དོན་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་རྩ་བ་ཚུགས་པ་དང་མི་སེམས་སུ་ཟུག་པར་བྱ་དགོས། ནང་དོན་གཙོ་བོ་ཡིན་པའི་ལྟ་བ་རྒྱུན་འཁྱོངས་ཏེ། འཕྲིན་སྦྱོར་མཉམ་འདྲེས་བཅོས་བསྒྱུར་མུ་མཐུད་ཟབ་སྤེལ་གཏོང་བ་དང་། “1+4+N”ཡི་འཕྲིན་སྦྱོར་ཀུན་འདུས་ཁྱབ་སྤེལ་མ་ལག་དང་གངས་དཀར་འཕྲིན་སྦྱོར་མཉམ་འདྲེས“1+18”ཀྱི་ཁུལ་དང་རྫོང་འཕྲིན་སྦྱོར་མཉམ་འདྲེས་མནའ་འབྲེལ་སྲ་བརྟན་ཡག་པོ་བཟོ་དགོས་པ་དང་། ཤེས་ནུས་འཕྲིན་སྦྱོར་ནོར་མཛོད། བརྙན་ཐུང་། AIསོགས་སྟེགས་བུ་ལག་རྩལ་གསར་པ་བེད་སྤྱོད་ལེགས་པོ་བྱས་ཏེ། སྲོལ་རྒྱུན་འཕྲིན་སྦྱོར་དང་གསར་དར་འཕྲིན་སྦྱོར་ཟུང་འབྲེལ་དང་དྲང་སྲུང་གསར་གཏོད་ཡོང་བར་སྐུལ་འདེད་གཏང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་ནས་ཕྱོགས་བསྡུས་རང་བཞིན་ལྡན་པའི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྦྱོང་བརྡར་རྒྱུན་མཐུད་དུ་བྱས་ཏེ། ཆབ་སྲིད་བརྟན་པོ་དང་ནུས་པ་ཆེན་པོ་ཡོད་པ། བདེན་འཚོལ་གསར་གཏོད། དམག་འཐབ་ལ་རྒྱལ་ཁ་ཐོབ་ཐུབ་པ་བཅས་ཀྱི་གསར་འགྱུར་ལས་སྒྲུབ་པར་འགྱུར་རྒྱུར་འབད་བརྩོན་བྱ་དགོས་ཞེས་གསུངས།

ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་རང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གསར་འགྱུར་ལས་ཁུངས་ཀྱི་འཐུས་མི་དང་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གསར་འགྱུར་ལས་སྒྲུབ་པ་རྣམས་ལ་འཚམས་འདྲི་གནང་བཞིན་པ།
འཚམས་འདྲི་གནང་རིང་། ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ད་དུང་རང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་ཀྱི་འཐུས་མི་དང་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གསར་འགྱུར་ལས་སྒྲུབ་པ་རྣམས་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་བར་མ་ཟད། ཁོང་ཚོར་གཞི་རིམ་དུ་བཅར་འདྲི་དང་གནས་ཚུལ་སྤེལ་བར་ཕེབས་སྐབས་གཟུགས་གཞི་བདེ་ཐང་ཡོང་རྒྱུར་དོ་སྣང་བྱ་དགོས་ཞེས་མངགས་བཅོལ་ནན་པོ་མཛད། ཁོང་གིས་ནན་གསུང་གནང་དོན། ཁུལ་ཨུ་ཡིས་སྔར་བཞིན་གསར་འགྱུར་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཚང་མར་ལས་དོན་སྒྲུབ་པར་ཆ་རྐྱེན་དེ་བས་ལེགས་པོ་བསྐྲུན་པ་དང་འགན་ལེན་སྔར་བས་བརྟན་པོ་བྱ་རྒྱུ་ཡིན། རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་མཐུན་ཞིང་མི་དམངས་དང་མཉམ་དུ་སྐྱོད་པ་དང་། དུས་རབས་དང་མཐུན་པ། ཁུལ་ཡོངས་ཀྱི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་ཀ་གལ་ཆེན་ཁག་ལ་དམིགས་ནས། མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱིས་སེམས་པ་རྣམ་དག་གིས་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། དཀར་མཛེས་ཁུལ་གྱི་གཏམ་སྙན་སྒྲོག་པ། དཀར་མཛེས་ཁུལ་གྱི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་པ། དཀར་མཛེས་ཁུལ་གྱི་སྟོབས་ཤུགས་གཅིག་བསྒྲིལ་ཐུབ་པ་བཅས་ཡོང་བར་རེ་བ་ཆེན་པོ་ཡོད་ཅེས་གསུངས་པ་རེད།
ཁུལ་ཨུའི་རྒྱུན་ཨུ། དྲུང་ཆེན་ཡོན་ཀང་། ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཅིན་གཉིས་རྟོག་ཞིབ་ཏུ་མཉམ་ཞུགས་གནང་།
